LAMRIM CHENMO Explanation by Gomde Lharampa Geshe Thubten Samdup
༼ བྱང་ཆུབ་ལམ་རིམ་ཆེན་མོ ༽
༼བྱང་ཆུབ་ལམ་གྱི་རིམ་པའི་རྩ་བའི་ས་བཅད་བཞི་ ༽
1 ཆོས་ཁུངས་བཙུན་པར་བསྟན་པའི་ཕྱིར་མཛད་པ་པོའི་ཆེ་བ་བསྟན་པ།
2 གདམས་ངག་ལ་གུས་པ་བསྐྱེད་པའི་ཕྱིར་ཆོས་ཀྱི་ཆེ་བ་བསྟན་པ།
3 ཆེ་བ་གཉིས་དང་ལྡན་པའི་ཆོས་ལ་ཉན་བཤད་ཇི་ལྟར་བྱ་བ།
4 གདམས་པ་དངོས་ཀྱིས་སློབ་མ་ཇི་ལྟར་བཀྲི་བའི་རིམ་པ།
1 ཆོས་ཁུངས་བཙུན་པར་བསྟན་པའི་ཕྱིར་མཛད་པ་པོའི་ཆེ་བ་བསྟན་པ།
༡ མཛད་པ་པོའི་རྣམ་ཐར།
2 གདམས་ངག་ལ་གུས་པ་བསྐྱེད་པའི་ཕྱིར་ཆོས་ཀྱི་ཆེ་བ་བསྟན་པ།
༡ བསྟན་པ་ཐམས་ཅད་འགལ་མེད་དུ་རྟོགས་པའི་ཆེ་བ།
༢ གསུང་རབ་ཐམས་ཅད་གདམས་ངག་ཏུ་འཆར་བའི་ཆེ་བ།
༣ རྒྱལ་བའི་དགོངས་པ་བདེ་བླག་ཏུ་རྙེད་པའི་ཆེ་བ།
༤ ཉེས་སྤྱོད་ཆེན་པོ་རང་འགགས་སུ་འགྲོ་བའི་ཆེ་བ།
3 ཆེ་བ་གཉིས་དང་ལྡན་པའི་ཆོས་ལ་ཉན་བཤད་ཇི་ལྟར་བྱ་བ།
༡ ཆོས་ཉན་པའི་ཚུལ།
༢ ཆོས་བཤད་པའི་ཚུལ།
4 གདམས་པ་དངོས་ཀྱིས་སློབ་མ་ཇི་ལྟར་བཀྲི་བའི་རིམ་པ།
བཤེས་གཉེན་བསྟེན་པའི་ཚུལ།
༡ བསྟེན་བྱ་དགེ་བའི་བཤེས་གཉེན་གྱི་མཚན་ཉིད།
༢ སྟེན་བྱེད་སློབ་མའི་མཚན་ཉིད།
༣ དེས་དེ་ཇི་ལྟར་བསྟེན་པའི་ཚུལ།
༤ བསྟེན་པའི་ཕན་ཡོན།
༥ མ་བསྟེན་པའི་ཉེས་དམིགས།
༦ དོན་བསྡུ་བའོ། །
༡ བསྟེན་བྱ་དགེ་བའི་བཤེས་གཉེན་གྱི་མཚན་ཉིད།
༡ དུལ་བ།
༢ ཞི་བ།
༣ ཉེ་བར་ཞི་བ།
༤ ཡོན་ཏན་ལྷག་པ།
༥ བརྩོན་བཅས་པ།
༦ ལུང་གིས་ཕྱུག་པ།
༧ དེ་ཁོ་ན་ཉིད་རབ་ཏུ་རྟོགས་པ།
༨ སྨྲ་མཁས་པ་དང་ལྡན་པ།
༩ བརྩེ་བའི་བདག་ཉིད།
༡༠ སྐྱོ་བ་སྤངས་པ་དང་བཅུའོ། །
༢ སྟེན་བྱེད་སློབ་མའི་མཚན་ཉིད།
༡ གཟུ་བོར་གནས་པ།
༢ བློ་གྲོས་དང་ལྡན་པ།
༣ དོན་གཉེར་ཆེ་བ།
༤+༥ ཆོས་དང་ཆོས་སྨྲ་བ་ལ་གུས་པ།
༦ ཡིད་གཏོད་པ་དང་དྲུག་གོ།
༣ དེས་དེ་ཇི་ལྟར་བསྟེན་པའི་ཚུལ།
༡ བསམ་པས་བསྟེན་ཚུལ་ལ།
༡ བསྟེན་པའི་བསམ་པ་སྤྱིར་བསྟན་པ།
༢ ཁྱད་པར་དུ་རྩ་བ་དད་པ་སྦྱང་བ།
༣ བཀའ་དྲིན་རྗེས་སུ་དྲན་ཏེ་གུས་པར་བྱ་བ།
༢ སྦྱོར་བས་བསྟེན་ཚུལ།
༡ རྙེད་པ་ཟང་ཟིང་དབུལ་བ།
༢ ལུས་ངག་གིས་བསྙེན་བཀུར་བ།
༣ བཀའ་བཞིན་དུ་བསྒྲུབ་པའོ། །
Ещё видео!